您的位置:百味书屋 > 范文大全 > 经典范文 > 藏汉双语“扫黑除恶”知识点 正文 本文移动端:藏汉双语“扫黑除恶”知识点

藏汉双语“扫黑除恶”知识点

2019-05-23 11:21:16 来源网站: 百味书屋

藏汉双语“扫黑除恶”知识点

ནག་འཇོམས་ངན་སེལ་ཤེས་བྱའི་དྲི་བ།

扫黑除恶知识点

  ནག་འཇོམས་ངན་སེལ་གྱི་ཤེས་བྱ་གནད་བསྡུས།

  དང་པོ། ཅི་ལྟ་བུའི་རྩ་འཛུགས་ནི་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ཡིན།

  ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་ཁྱད་རྟགས་བཞི་ཡོད་དེ།

  ༡.ཁྲིམས་འགལ་གྱི་རྩ་འཛུགས་བརྟན་འཇགས་ཅན་ཚུགས་ཤིང་།མི་འབོར་མང་བ།མངོན་གསལ་ཅན་གྱི་རྩ་འཛུགས་མཁན་དང་སྣེ་ཁྲིད་མཁན།ཚོགས་མི་བཅས་ཡོད་པ།

  ༢.རྩ་འཛུགས་ས་ཁུལ་ནས་ཁྲིམས་འགལ་གྱི་ཐབས་ལམ་མམ་ཐབས་ལམ་གཞན་བརྒྱུད་དེ་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ།དཔལ་འབྱོར་གྱི་སྟོབས་ཤུགས་ངེས་ཅན་ལ་བརྟེན་ནས་རྩ་འཛུགས་ཀྱི་བྱེད་སྒོར་རྒྱབ་སྐྱོར་བྱེད་པ།

  ༣.དྲག་ཤུགས་དང་བཙན་ཤེད་ལ་བརྟེན་ནས།རྩ་འཛུགས་ས་ཁུལ་དུ་ཁྲིམས་འགལ་གྱི་བྱེད་སྒོ་གང་མང་སྤེལ་བ་དང་།མང་ཚོགས་ལ་གཉའ་གནོན་དང་བཤུ་བཞོག་བྱེད་པ།

  ༤.ཁྲིམས་འགལ་གྱི་སྦྱོར་བ་བརྩམས་ཚེ།རྒྱལ་ཁབ་གཞུང་གི་ལས་བྱེད་པ་རྒྱབ་རྟེན་དུ་བཙལ་ནས་གཡོ་འགེབ་བྱེད་པ་དང་།ས་ཁུལ་དང་ལས་རིགས་ངེས་གཏན་ཞིག་ལ་ཁྲིམས་འགལ་གྱི་ཚོད་འཛིན་བྱས་ཏེ་ཤན་ཤུགས་ཐེབས་པ།དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ཁྱད་རྟགས་མངོན་གསལ་ཡོད།

  གཉིས་པ། ཅི་ཞིག་ལ་ངན་ཤུགས་ཀྱི་རྩ་འཛུགས་ཟེར།

  《 ཉེས་ཁྲིམས》སུ་བསྟན་པ་ལྟར།དུས་རྒྱུན་མཉམ་རུབ་བྱས་ཏེ་དྲག་ཤུགས་དང་བཙན་ཤེད་སོགས་ལ་བརྟེན་ནས།ས་ཁུལ་དང་ལས་རིགས་ངེས་གཏན་ཞིག་ལ་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ནས།དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ།དེ་བཞིན་གཡོ་སྒྱུ་ཁྲམ་གསུམ་ལ་བརྟེན་ནས་དམངས་ལ་གཉའ་གནོན་བྱས་པས།སྤྱི་ཚོགས་ལ་ངན་ཤུགས་ཚབས་ཆེན་ཐེབས་ཀྱང་།ནག་ཚོགས་རྩ་འཛུགས་ཀྱི་ངོ་བོ་མ་ཚང་བའི་ཁྲིམས་འགལ་གྱི་རྩ་འཛུགས་སྟེ།ངན་ཤུགས་ནི་མི་གསུམ་ཡན་ཆོད་ཀྱི་མཉམ་རུབ་མཁན་ཕལ་ཆེར་གཏན་འཇགས་ཡིན་ལ།ཁྲིམས་འགལ་གྱི་སྦྱོར་བ་ནི་བཙནཤེད་ཀྱི་ཉོ་ཚོང་བྱེད་དུ་འཇུག་པ་དང་བསམ་བཞིན་དུ་འཚེ་བ་བྱེད་པ།ཁྲིམས་འགལ་གྱི་བཀག་ཉར་བྱས་ཏེ་གཡོ་ལེན་ཧམ་འཕྲོག་བྱེད་པ།བསམ་བཞིན་དུ་གཞན་གྱི་རྒྱུ་ནོར་གཡོ་ལེན་དང་མི་མང་དཔུང་སྡེབ་ཀྱིས་རྒྱག་རེས་བྱེད་པ་སོགས་ཡིན་ལ།དེ་དང་ཆབས་ཅིག་ཏུ།ག་ས་གང་དུ་རྒྱན་འཇོག་ཁང་དང་སྨད་ཚོང་ཁང་ཚོང་གཉེར་བྱེད་པ།ཉལ་ཐ་སྐྱེལ་འདྲེན་དང་ལྐོག་ཚོང་བྱེད་པ།འཕྲོག་བཅོམ་དང་གཡོ་ལེན་སོགས་ཀྱིས་སྤྱི་པའི་སྒྲིག་སྲོལ་དང་འགྲིམ་འགྲུལ་སྒྲིག་སྲོལ་ལ་གཏོར་བརླག་བྱེད་པ་སྟེ།མཉམ་རུབ་ཀྱི་རྡུང་བཅག་འཕྲོག་གསུམ་གྱི་སྦྱོར་བ་སྤེལ་བར་གོ་བ་བླངས་ཆོག

  གསུམ་པ། འཇམ་འདུལ་དྲག་ཤུགས་ཞེས་པ་ག་འདྲ་ཞིག་ཡིན།

  ༡.དྲག་པོ་དང་འཇིགས་སྣང་གི་རྣམ་པ་མངོན་གསལ་མི་དོད་པ།

  ༢.ལག་བསྟར་བྱེད་མཁན་གྱིས་དྲག་ཤུགས་དང་འཇིགས་སྐུལ་བྱེད་ཉེན་ཆེ།

  ༣.མི་ལ་འཇིགས་སྐྲག་དངངས་སྐྲག་སློང་ཡོང་བ།

  ༤.གཞན་གྱི་རྒྱུན་ལྡན་ཐོན་སྐྱེད་དང་ལས་དོན། འཚོ་བར་ཤུགས་རྐྱེན་བཟོ་བ།

  ༥.“གྲོས་མོལ”དང་། འགལ་རྐྱེན་དང་རྙོག་དྲ་སློང་བ། སྐད་ལོག་རྒྱག་པ། མི་མང་བསྡུས་ནས་ཤུགས་ངོམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལག་བསྟར་བྱེད་པ།

  བཞི་བ། རྡུང་རྡེག་བྱ་ཡུལ་གཙོ་བོ་གང་དག་ཡིན།

  ༡.ཆབ་སྲིད་ཀྱི་འགལ་འདུ་སློང་མཁན་སྟེ།ལྷག་པར་དུ་སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་ལ་གཏོར་བཤིག་གཏོང་མཁན་སོགས་ཆབ་སྲིད་ཀྱི་མངའ་ཁོངས་སུ་བཙན་འཛུལ་བྱེད་པའི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༢.གཞི་རིམ་གྱི་སྲིད་དབང་འཛིན་མཁན་དང་གཞི་རིམ་གྱི་འདེམས་བསྐོ་ལ་གཏོར་བཤིག་གཏོང་མཁན།ཞིང་སྡེའི་ཐོན་ཁུངས་སྒེར་གཅོད་བྱེད་མཁན་དང་ཐུན་མོང་གི་རྒྱུ་ནོར་ཧམ་ཟ་བྱེད་མཁན་གྱི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༣.ཁྱིམ་རྒྱུད་དང་ཆོས་ལུགས་ལ་ཁ་གཡར་ཏེ་དབང་ཆ་སྒེར་སྡོམ་དང་།དམངས་ལ་བཤུ་བཞོག་དང་གཉའ་གནོན་གཏོང་བའི་སྡེ་དབང་སྒེར་གཅོད་མཁན་གྱི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༤.ས་ཁོངས་བསྡུ་ལེན་དང་ས་ཞིང་བོགས་ལེན།བཤིག་སྤོ། བཟོ་སྐྲུན་ལས་གཞི་འཛུགས་སྐྲུན་སོགས་ཀྱི་གོ་རིམ་ཁྲོད་ཟིང་ཆ་སློང་མཁན་གྱི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༥.བཟོ་སྐྲུན་ལས་གྲྭ་དང་འགྲིམ་འགྲུལ་སྐྱེལ་འདྲེན།གཏེར་ཁའི་ཐོན་ཁུངས་དང་ཉ་འཛིན་ཐོན་ལས་བཅས་ཀྱི་ཁྱབ་ཁོངས་སུ་བཙན་ལས་ཧམ་འཕྲོག་དང་སྒྲིག་འགལ་ལུགས་འགལ་བྱེད་པའི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༦.ཚོང་ཟོག་ཁྲོམ་ར་དང་སྡེབ་ཚོང་ཁྲོམ་ར།རླངས་འཁོར་འབབ་ཚིགས། གྲུ་ཁ། ཡུལ་སྐོར་ལྗོངས་ཁུལ་སོགས་ཀྱི་ཁྲོམ་ར་ཧམ་འཕྲོག་གཡོ་ལེན་དང་བཙན་གྱིས་ཉོ་འཚོང་བྱེད་པ། སྲུང་སྐྱོབ་རིན་བསྡུ་བའི་ ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༧.འཆལ་རྒྱན་དུག་གསུམ་གྱི་ལས་གཉེར་བའི་ནག་ཕྱོགས་ངན་ཕྱོགས་ཀྱི་སྟོབས་ཤུགས།

  ༨.ཁྲིམས་འགལ་གྱི་སྐྱེད་ཀ་མཐོན་པོ་གཏོང་བ་དང་དྲག་ཤུགས་བཀོལ་ནས་བུ་ལོན་བསྡུ་མཁན་གྱི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༩.དམངས་ཁྲོད་ཀྱི་རྩོད་གླེང་ནང་ཐེ་ཇུས་བྱས་ཏེ་གསང་བའི་ཁྲིམས་བསྟར་རུ་ཁག་བྱེད་པའི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ༡༠.རྒྱལ་ནང་ལ་སིམ་འཛུལ་བྱེད་པའི་ཕྱི་རྒྱལ་གྱི་ནག་ཚོགས་སྟོབས་ཤུགས་དང་།རྒྱལ་མཚམས་བརྒལ་བའི་ནག་ཕྱོགས་དང་ངན་ཕྱོགས་སྟོབས་ཤུགས།

  ལྔ་བ། ཉེས་སྤྱོད་འདི་དག་ཁྱོད་ཀྱིས་ངེས་པར་ཤེས་དགོས།

  ༡.ཅི་ཞིག་ལ་བཙན་གྱིས་ཉོ་ཚོང་བྱེད་དུ་འཇུག་པའི་ཉེས་པ་ཟེར།

  བཙན་གྱིས་ཉོ་ཚོང་བྱེད་དུ་འཇུག་པའི་ཉེས་པ་ནི།དྲག་པོ་དང་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་བཙན་ཤུགས་ཀྱིས་ཚོང་རྫས་ཉོ་ཚོང་བྱེད་དུ་བཅུག་པ།བཙན་གྱིས་མི་གཞན་ལ་ཞབས་ཞུ་སྒྲུབ་ཏུ་འཇུག་པའམ་ཡང་ན་གཞན་གྱི་ཞབས་ཞུ་མི་འདོད་བཞིན་དུ་དང་ལེན་བྱེད་དུ་འཇུག་པ་བཅས་གནད་དོན་ཚབས་ཆེ་བ་ལ་གོ་དགོས།

  ༢.ཅི་ཞིག་ལ་ཁྲིམས་འགལ་བཀག་སྐྱིལ་གྱི་ཉེས་པ་ཟེར།

  ཁྲིམས་འགལ་བཀག་སྐྱིལ་བྱས་པའི་ཉེས་པ་ནི། བཙན་འཇུག་དང་བཀག་སྐྱིལ་བྱེད་པའམ་ཡང་ན་བཙན་ཤེད་ཀྱི་བྱེད་ཐབས་གཞན་དག་ལ་བརྟེན་ནས་གཞན་གྱི་མི་ལུས་ཀྱི་རང་དབང་འཕྲོག་པའི་ཉེས་སྤྱོད་ལ་གོ་དགོས།

  ༣.ཅི་ཞིག་ལ་བསྙད་འདོགས་གཡོ་ལེན་གྱི་ཉེས་པ་ཟེར།

  བསྙད་འདོགས་གཡོ་ལེན་གྱི་ཉེས་པ་ནི་ཁྲིམས་འགལ་གྱིས་གཞན་རྒྱུ་རང་ལ་ཐོབ་པའི་དམིགས་ཡུལ་བཅངས་ནས་འཇིགས་སྐུལ་དང་བཙན་པོའི་ངང་སྤྱི་སྒེར་གྱི་རྒྱུ་ནོར་ཧམ་ལེན་བྱེད་པའི་སྤྱོད་པ་ལ་གོ་དགོས།

  ༤.ཅི་ཞིག་ལ་མི་མང་དཔུང་སྡེབ་ཀྱིས་རྒྱག་རེས་བྱེད་པའི་ཉེས་པ་ཟེར།

  མི་མང་དཔུང་སྡེབ་ཀྱིས་རྒྱག་རེས་བྱེད་པའི་ཉེས་པ་ནི།གཞན་ལ་འཁོན་ལེན་སློག་པ་དང་ཡང་ན་ས་གནས་གཅིག་ནས་བཙན་པོ་ཡིན་པའི་དམིགས་ཡུལ་བཟུང་ནས་མི་མང་རུབ་ནས་ཚོགས་ཁག་བཙུགས་སྟེ་ཕན་ཚུན་རྒྱག་རེས་བྱས་ནས་སྤྱི་པའི་སྒྲིག་ལམ་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་གོ་དགོས།

  ༥.ཅི་ཞིག་ལ་བསྙད་རྐོ་ཟིང་སློང་གི་ཉེས་པ་ཟེར།

  བསྙད་རྐོ་ཟིང་སློང་གི་ཉེས་པ་ནི།གཞན་ལ་བསྙད་རྐོ་བ།དོན་མེད་དུ་རྒྱག་པ།རང་མོས་ཀྱིས་སྤྱི་སྒེར་གྱི་རྒྱུ་ནོར་ཧམ་བཟུང་བྱེད་པ།སྤྱི་པའི་ཁྲོམ་རྭ་ནས་འུར་རྒྱག་ཟིང་ཆ་སློང་བ། སྤྱི་ཚོགས་སྒྲིག་ལམ་གནོད་འཚེ་ཚབས་ཆེན་བཟོ་བའི་བྱ་སྤྱོད་ལ་གོ་དགོས། དེ་ལ་རིགས་བཞི་དབྱེ་ཡོད།

  (༡)རང་མོས་ཀྱིས་མི་ལ་རྡུང་རྡེག་བྱས་པའི་གནས་ཚུལ་ཛབ་ཆེན་ཅན།

  (༢)གཞན་ལ་རྗེས་འདེད།བཀག་པ།དམའ་འབེབས།འཇིགས་སྐུལ་བྱེད་པའི་གནས་ཚུལ་ཚབས་ཅན།(༣)བཙན་འཕྲོག་ཧམ་ཟ་དང་རང་མོས་ཀྱིས་སྤྱི་སྒེར་དངོས་རྫས་ལ་གཏོར་བརླག་དང་རང་གིས་བདག་པོ་རྒྱག་པའི་ངན་སྤྱོད་ཀྱི་རིགས།

  (༤)སྤྱིའི་ཁྲོམ་རྭ་ནས་ཟིང་ཆ་བསླངས་ནས་སྤྱིའི་སྒྲིག་ལམ་ལ་རྙོག་འཛིང་ཚབ་ཆེན་བཟོ་བའི་རིགས།

  ༦.ཅི་ཞིག་ལ་ཤོ་ཁང་བཙུགས་པའི་ཉེས་པ་ཟེར།

  ཤོ་ཁང་བཙུགས་པའི་ཉེས་པ་ནི་མི་གཞན་བསྡུས་ཏེ་རྒྱན་འཇོག་སའི་ཁོར་ཡུག་བསྐྲུན་ནས་རྒྱན་འཇོག་པ་ལ་གོ་དགོས།

  ཐུན་རིན་རྫོང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་།


扫黑除恶知识点

  一.什么样的组织是黑社会性质的组织?

  黑社会性质的组织有四个方面的特征:

  1.形成较稳定的犯罪组织,人数较多,有明确的组织者、领导者,骨干成员基本固定;

  2.有组织地通过违法犯罪活动或者其他手段获取经济利益,具有一定的经济实力,以支持该组织的活动;

  3.以暴力、威胁或者其他手段,有组织地多次进行违法犯罪活动,为非作恶,欺压、残害群众;

  4.通过实施违法犯罪活动,或者利用国家工作人员的包庇或者纵容,称霸一方,在一定区域或者行业内,形成非法控制或者重大影响,严重破坏经济、社会生活秩序。

  二.什么是“恶势力”组织?

  《刑法》这样解释:经常纠集在一起,以暴力、威胁或者其他手段,在一定区域或者行业内多次实施违法犯罪活动,为非作恶,欺压百姓,扰乱经济、社会生活秩序,造成较为恶劣的社会影响,但尚未形成黑社会性质组织的违法犯罪组织。恶势力一般为三人以上,纠集者相对固定,违法犯罪活动主要为强迫交易、故意伤害、非法拘禁、敲诈勒索、故意毁坏财物、聚众斗殴、寻衅滋事等,同时还可能伴随实施开设赌场、组织卖淫、强迫卖淫、贩卖毒品、运输毒品、制造毒品、抢劫、抢夺、聚众扰乱社会秩序、聚众扰乱公共场所秩序、交通秩序以及聚众“打砸抢”等。

  三.“软暴力”具体表现是什么?

  1.暴力、威胁色彩不明显;

  2.实施者有暴力威胁的可能性;

  3.会使人产生恐惧、恐慌;

  4.影响他人正常生产、工作、生活;

  5.通过 “谈判”及滋扰、纠缠、哄闹、聚众造势等手段实施。

  四、重点打击对象包括哪十个方面?

  1.威胁政治安全特别是政权安全、制度安全以及向政治领域渗透的黑恶势力;

  2.把持基层政权、操纵破坏基层换届选举、垄断农村资源、侵吞集体资产的黑恶势力;

  3.利用家族、宗族势力横行乡里、称霸一方、欺压残害百姓的“村霸”等黑恶势力;

  4.在征地、租地、拆迁、工程项目建设等过程中煽动闹事的黑恶势力;

  5.在建筑工程、交通运输、矿产资源、渔业捕捞等行业、领域,强揽工程、恶意竞标、非法占地、滥开滥采的黑恶势力;

  6.在商贸集市、批发市场、车站码头、旅游景区等场所欺行霸市、强买强卖、收保护费的市霸、行霸等黑恶势力;

  7.操纵、经营“黄赌毒”违法犯罪活动的黑恶势力;

  8.非法高利放贷、暴力讨债的黑恶势力;

  9.插手民间纠纷,充当“地下执法队”的黑恶势力;

  10.境外黑社会入境发展渗透以及跨国跨境的黑恶势力。

  五、这些罪行你应该知道!

  1.什么是强迫交易罪?

  强迫交易罪,是指以暴力、威胁手段强买强卖商品,强迫他人提供服务或者强迫他人接受服务,情节严重的行为。

  2.什么是非法拘禁罪?

  非法拘禁罪是指以拘押、禁闭或者其他强制方法,非法剥夺他人人身自由的犯罪行为。

  3.什么是敲诈勒索罪?

  敲诈勒索罪是指以非法占有为目的,对被害人使用威胁或要挟的方法,强行索要公私财物的行为。

  4.什么是聚众斗殴罪?

  聚众斗殴罪是指为了报复他人、争霸一方或者其他不正当目的,纠集众人成帮结伙地互相进行殴斗,破坏公共秩序的行为。

  5.什么是寻衅滋事罪?

  寻衅滋事罪,是指肆意挑衅,随意殴打、骚扰他人或任意损毁、占用公私财物,或者在公共场所起哄闹事,严重破坏社会秩序的行为。刑法将寻衅滋事罪的客观表现形式规定为四种:

  (1)随意殴打他人,情节恶劣的;(2)追逐、拦截、辱骂、恐吓他人,情节恶劣的;(3)强拿硬要或者任意损毁、占用公私财物,情节严重的;(4)在公共场所起哄闹事,造成公共场所秩序严重混乱的。

  6.什么是开设赌场罪?

  开设赌场罪是指开设以行为人为中心,在其支配下供他人赌博的场所的行为。换而言之,就是经营赌场。

来源:网络整理 免责声明:本文仅限学习分享,如产生版权问题,请联系我们及时删除。


藏汉双语“扫黑除恶”知识点》出自:百味书屋
链接地址:http://www.850500.com/news/192963.html
转载请保留,谢谢!
查看更多相关内容>>藏汉双语“扫黑除恶”知识点
相关文章
推荐范文